欢迎访问民族出版社网站

《汉藏英科技大词典》出版发行

民族出版社





1679378037444702.jpg

西藏自治区藏语言文字工作委员会办公室(编译局)

全国科学技术名词审定委员会

西藏自治区新词术语藏文翻译规范委员会


责任编辑 | 次勒降泽 桑旦东知

书籍设计 | 吾要

出版发行 | 民族出版社

开本 | 880mmx1230mm 1/32

版次 | 2022年12月第1版第1次印刷

书号 | ISBN978-7-105-16505-6/N·91(藏1)

定价 | 249.00元


为了进一步做好民族语文工作,促进科技名词术语藏语文翻译的规范统一和推广使用,提升各族群众的科技文化素养和语言能力,自2014年开始,西藏自治区藏语委办(编译局)、西藏自治区新词术语藏文翻译规范委员会从全国科学技术名词审定委员会审定公布并提供的100多个学科中,筛选出了2010年之前公布的材料、测绘、地理、地质、电工、电力、公路、计算机科技、建筑园林与城市规划、林学、煤炭、农学、生态、数学、水利、铁道、通信、土木工程、土壤、医学、语言、植物、资源等23个学科的10多万条专业名词术语,组织翻译专业人员进行翻译和审校。


མི་རིགས་སྐད་ཡིག་བྱ་བ་ལེགས་པོ་བསྒྲུབས་ནས་ཚན་རྩལ་ཐ་སྙད་བོད་ཡིག་ཏུ་ཕབ་སྒྱུར་ཐོག་ཚད་ལྡན་གཅིག་གྱུར་བཟོས་ནས་ཁྱབ་གདལ་བེད་སྤྱོད་བྱེད་པར་སྐུལ་འདེད་ཤུགས་ཆེ་གཏོང་རྒྱུ་དང་། མི་རིགས་ཁག་གི་མང་ཚོགས་ཚོའི་སྐད་ཡིག་གི་ཆུ་ཚད་དང་ཚན་རྩལ་རིག་གནས་ཀྱི་བྱང་ཚད་གོང་མཐོར་གཏོང་བར་འགན་སྲུང་གང་ལེགས་བྱེད་ཆེད། ༢༠༡༤ལོ་ནས་བཟུང་བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ལྷན་གཞུང་ལས་ཁང་(རྩོམ་སྒྱུར་ཅུས)དང་བོད་རང་སྐྱོང་ལྗོངས་ཐ་སྙད་བཀས་བཅད་ཨུ་ལྷན་གྱིས་རྒྱལ་ཡོངས་ཚན་རིག་ལག་རྩལ་ཐ་སྙད་ཞུས་བཤེར་གཏན་འབེབས་ཨུ་ལྷན་ནས་མཁོ་འདོན་བྱས་པའི་རིག་ཚན་ཁག་༡༠༠ལྷག་ཙམ་གྱི་ནང་ནས། ༢༠༡༠ལོའི་གོང་ལ་ཞིབ་བཤེར་གཏན་འབེབས་དང་ཁྱབ་བསྒྲགས་བྱས་པའི་རིག་ཚན་༢༣སྟེ། རྒྱུ་ཆ་དང་། ཐིག་ལེན། ས་ཁམས། ས་གཤིས། གློག་ལས། གློག་ཤུགས། གཞུང་ལམ། རྩིས་འཁོར་ཚན་རྩལ། འཛུགས་སྐྲུན་སྐྱེད་ཚལ་དང་གྲོང་ཁྱེར་འཆར་འགོད། ནགས་ལས། རྡོ་སོལ། ཞིང་ལས་རིག་པ། སྐྱེ་ཁམས། རྩིས་རིག ཆུ་བེད། ལྕགས་ལམ། འཕྲིན་གཏོང་། ས་རྡོའི་ཨར་སྐྲུན། ས་རྒྱུ། གསོ་རིག སྐད་བརྡ། རྩི་ཤིང་། ཐོན་ཁུངས་བཅས་ཀྱི་ཆེད་ལས་ཐ་སྙད་ཁྲི་༡༠ལྷག་ཙམ་གདམ་གསེས་བྱས་ཐོག ཆེད་ལས་ལོ་ཙཱ་བ་སྒྲིག་འཛུགས་བྱས་ནས་ཕབ་སྒྱུར་དང་མཁས་དབང་གདན་ཞུས་ཀྱིས་ཞུས་བཤེར་ཐེངས་མང་བྱས། 


1679378092857417.jpg


为力求科学技术名词藏语文翻译的科学性、专业性、规范性、统一性,在翻译和审校过程中,力争做到与包括教材在内的国内已翻译公布的规范科技藏语名词协调一致,在完成翻译初审工作的基础上,组织西藏自治区藏语委办(编译局)编译人员进行认真修订统稿,邀请北京、青海、四川、甘肃等地汉藏翻译专家进行审校。经过几年的努力,最终形成了《汉藏英科技大词典》三个语种的科技名词专业词典,填补了现有汉藏对照词典中缺乏综合性科技名词术语汉藏英对照词典的空白。


དེ་ཡང་ཕབ་སྒྱུར་དང་ཞུས་བཤེར་བྱེད་པའི་བརྒྱུད་རིམ་ཁྲོད་ཚན་རྩལ་ཐ་སྙད་ཕབ་སྒྱུར་གྱི་ཚན་རིག་རང་བཞིན་དང་། ཚད་ལྡན་རང་བཞིན། གཅིག་གྱུར་རང་བཞིན་བཅས་ཀྱི་རྩ་དོན་གཙིགས་ཆེར་བཟུང་སྟེ། དེང་གི་བར་དུ་ཕབ་སྒྱུར་དང་པར་བསྐྲུན་ཟིན་པའི་བསླབ་གཞི་དང་ཚིག་མཛོད་ནང་འཁོད་ཀྱི་ཐ་སྙད་དང་གཅིག་མཐུན་ཡོང་ཐབས་བྱས་པའི་རྨང་གཞིའི་ཐོག བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ལྷན་གཞུང་ལས་ཁང་(རྩོམ་སྒྱུར་ཅུས)གི་ལོ་ཙཱ་བ་རྣམས་ཀྱིས་བཟོ་བཅོས་ཐེངས་མང་བྱས་པ་དང་། པེ་ཅིན་དང་། མཚོ་སྔོན། སི་ཁྲོན། ཀན་སུའུ་སོགས་ཀྱི་རྒྱ་བོད་ཡིག་སྒྱུར་རིགས་གཅིག་མཁས་ཅན་གདན་ཞུ་བྱས་ནས་ཞུས་བཤེར་གཏན་འབེབས་གཟབ་ནན་བྱས་ཡོད། ལོ་ཤས་རིང་འབད་བརྩོན་བྱས་མཐར《རྒྱ་བོད་དབྱིན་གསུམ་ཤན་སྦྱར་ཚན་རྩལ་ཚིག་མཛོད་ཆེན་མོ》ཞེས་པའི་ཚན་རྩལ་ཐ་སྙད་ཕྱོགས་བསྡུས་ཀྱི་ཚིག་མཛོད་ཆེན་མོ་འདི་གྲུབ་ཅིང་། དེས་ད་ཡོད་ཀྱི་རྒྱ་བོད་ཤན་སྦྱར་ཚིག་མཛོད་ནང་ཚན་རྩལ་ཐ་སྙད་ཕྱོགས་བསྡུས་ཀྱི་རྒྱ་བོད་དབྱིན་གསུམ་ཤན་སྦྱར་ཚིག་མཛོད་མེད་པའི་སྟོང་ཆ་བསྐངས་ཐུབ་ཡོད། 


1679378135888143.jpg


习近平总书记在2021年8月召开的中央民族工作会议上指出:“要推广普及国家通用语言文字,科学保护各民族语言文字,尊重和保障少数民族语言文字学习和使用。”


སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཆོག་གིས་༢༠༢༡ལོའི་ཟླ་༨པར་སྐོང་ཚོགས་མཛད་པའི་ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུའི་ཐོག“རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་བ་དང་། མི་རིགས་ཁག་གི་སྐད་ཡིག་ཚན་རིག་དང་མཐུན་པའི་ངང་སྲུང་སྐྱོང་བྱེད་པ། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་པར་བརྩི་འཇོག་དང་འགན་ལེན་བྱེད་དགོས”ཞེས་མཛུབ་སྟོན་གལ་ཆེན་གནང་ཡོད། 


1679378187957094.jpg


本词典的出版发行,必将推动科技专业名词藏语文翻译的规范统一和推广使用,有利于让基层群众用双语学习和接受更多的科技知识,有助于自然科学领域的藏语术语不断积累和丰富,从而更好地推广普及国家通用语言文字,科学保护民族语言文字。


ཚིག་མཛོད་འདི་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་དེས་བོད་ཡིག་གི་ཚན་རྩལ་ཐ་སྙད་ཚད་ལྡན་གཅིག་གྱུར་ཐོག་ཁྱབ་གདལ་བེད་སྤྱོད་དང་། གཞི་རིམ་མང་ཚོགས་ཀྱིས་སྐད་གཉིས་ཐོག་ནས་ཚན་རྩལ་ཤེས་བྱ་སློབ་སྦྱོང་བྱེད་རྒྱུ། རང་བྱུང་ཚན་རིག་ཁྱབ་ཁོངས་ཀྱི་བོད་ཡིག་ཐ་སྙད་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུ་བཅས་ལ་ཕན་སྐུལ་ཐུབ་པ་མ་ཟད། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྔར་ལས་ལྷག་པའི་སྒོ་ནས་ཁྱབ་གདལ་དུ་གཏོང་རྒྱུ་དང་། མི་རིགས་ཀྱི་སྐད་ཡིག་ཚན་རིག་དང་མཐུན་པར་སྲུང་སྐྱོབ་དང་སྦྱོང་སྤྱོད་བྱེད་པར་ཕན་ཐོགས་ཆེན་པོ་ཡོད། 



1679378229125298.jpg


我们希望本词典能够成为广大翻译、新闻、出版工作者,大专院校师生,科研工作者和各技术行业专业人员的必备工具书之一,并对推动西藏和涉藏地区科技事业的发展、科学技术的利用、学科和行业之间的沟通等产生积极影响。


ཚིག་མཛོད་འདི་ནི་རྒྱ་ཆེའི་ལོ་ཙཱ་བ་དང་། གསར་འགྱུར་དང་དཔེ་སྐྲུན་ལས་དོན་པ། སློབ་ཆེན་ཁག་གི་དགེ་སློབ། ཚན་ཞིབ་ལས་དོན་པ། ལག་རྩལ་ལས་རིགས་ཀྱི་ཆེད་ལས་མི་སྣ་སོགས་ལ་ཉེ་བར་མཁོ་བའི་ཚིག་མཛོད་ཅིག་ཏུ་འགྱུར་ངེས་ཡིན་ལ། དེས་བོད་ལྗོངས་དང་བོད་འབྲེལ་ས་ཁུལ་གྱི་ཚན་རྩལ་བྱ་གཞག་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་ཡོང་བ་དང་། ཚན་རིག་ལག་རྩལ་བྱང་ཆུབ་པའི་ངང་བེད་སྤྱོད་བྱེད་པ། རིག་གཞུང་ཚན་ཁག་དང་ལས་རིགས་དབར་གྱི་འབྲེལ་ཟམ་བརྟན་པོ་འཛུགས་པ་སོགས་ལ་ཕན་ནུས་ཆེན་པོ་ཐོན་ཐུབ་པའི་རེ་བ་འཆང་བཞིན་ཡོད། 






联系方式



        

 ❖ 藏文编辑室 ❖


☎  010-58130509     ☎  010-58130508

 13910617131


    地址:北京市东城区和平里北街14号







在线购买



1679378824823100.png

文字来源 | 词典前言

图片素材 | 藏文编辑室 信息中心



1679378433586264.png



回顶部