辞书推荐 | 《藏语文反义词词典》
སྐད་ཡིག་གང་འདྲ་ཡིན་ཀྱང་དཀར་པོ་དང་ནག་པོ། ཆེན་པོ་དང་ཆུང་ཆུང་། རིང་པོ་དང་ཐུང་ཐུང་ལ་སོགས་པའི་ལྡོག་ཟླའི་ཐ་སྙད་ཇི་སྙེད་ཅིག་ཡོད་པ་ལྟར་རང་རེ་བོད་ཀྱི་སྐད་ཡིག་ལའང་ལྡོག་ཟླའི་ཁྱད་ཆོས་མཚོན་པའི་ཐ་སྙད་ཤིན་ཏུ་མང་པོ་ཡོད་ཀྱང་། དེ་དག་ཕྱོགས་བསྡུས་བྱས་ཏེ་དཔེ་དེབ་སོགས་ལོགས་སུ་འདོན་སྤེལ་བྱས་པ་ཞིག་ནི་ད་བར་ང་རང་གིས་མ་མཐོང་བས། ད་ལམ་བསོད་ནམས་མཆོག་སྐྱིད་ལགས་ནས་རང་གིས་ལོ་མང་སློབ་ཁྲིད་མཛད་པའི་མྱོང་བའི་ཐོག་དཔྱད་གཞི་མི་ཉུང་ཙམ་འཚོལ་བསྡུ་མཛད་ནས། དཔེ་དེབ་འདི་ལྟ་བུ་ཞིག་སྒྲིག་རྩོམ་མཛད་པ་འདི་ནི་བོད་ཀྱི་སྐད་བརྡ་རིག་པའི་ཁྱབ་ཁོངས་ཀྱི་ནང་གི་སྟོང་ཆ་ཞིག་ཁ་སྐོང་བྱས་པར་སེམས། དེབ་འདི་ཀ་མད་བཞིན་བསྒྲིགས་པའི་ཐོག་དཔེར་བརྗོད་ཀྱང་བཀོད་ཡོད་པ་མ་ཟད། དཔེར་བརྗོད་དེ་དག་ཀྱང་མངོན་བརྗོད་སོགས་ཀྱིས་མ་བཅིངས་པར་གོ་བར་བྱས་པ་ལ་བརྟེན་ནས་ལྟ་བདེ་ལ་སྤྱོད་སླ་བའི་དགེ་མཚན་ལྡན་པས། སློབ་གྲྭ་ཆུང་འབྲིང་གི་སློབ་མའི་གྲོགས་པོ་བཟང་པོ་ཞིག་ཏུ་འགྱུར་ངེས་ལགས་ན་ཕྲན་ནས་འདིར་ཁོང་ལ་བསྔགས་བརྗོད་ཞུ་འོས་པར་སེམས། སླད་ནས་ཀྱང་བོད་ཀྱི་བརྡ་སྤྲོད་རིག་པའམ་སྐད་བརྡ་རིག་པ་འཐུས་སྒོ་ཇེ་ཚང་དུ་གཏོང་བའི་ཆེད་དུ་མུ་མཐུད་འབད་བརྩོན་གནང་རྒྱུའི་སྐུལ་མ་ཞུ་རྒྱུ་བཅས། རྡོ་མགོན་གསང་བདག་རྡོ་རྗེས། 藏语文反义词词典 ལྡོག་ཟླའི་མིང་མཛོད། 编著:索朗确吉 བསོད་ནམས་མཆོག་སྐྱིད། 开本:32开 定价:42.00 元 ISBN 978-7-105-17146-0/G▪2225(藏 166) 民族出版社 ལྡོག་ཟླའི་མིང་མཛོད་འདི་སྒྲིག་རྩོམ་བྱེད་པའི་ཀུན་སློང་ནི་རྒྱ་ཡིག་སོགས་སྐད་ཡིག་གཞན་པའི་ནང་དུ་སྤྱོད་བདེ་བའི་ལྡོག་ཟླའི་མིང་མཛོད་མང་པོ་བསྒྲིགས་ཡོད་ཀྱང་བོད་ཡིག་གི་ལྡོག་ཟླའི་མིང་མཛོད་ཅིག་ད་བར་མ་མཐོང་བས་དེའི་ཐད་ཀྱི་དགོས་མཁོ་སྐོང་ཆེད་དང་། ལྷག་པར་དུ་སློབ་གྲྭ་ཆུང་འབྲིང་གི་སློབ་མ་རྣམས་ལ་ལྟ་བདེ་སྤྱོད་སླ་ཡོང་ཆེད་དུ། མིང་མཛོད་འདི་སྒྲིག་པའི་ངལ་བ་ཁུར་དུ་བླངས་པ་ཡིན། བོད་ཡིག་ནི་བོད་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་གི་རིག་ཚན་གཙོ་བོ་ཞིག་ཡིན་ལ་རིག་ཚན་གཞན་སྦྱོང་བའི་རྨང་གཞི་གལ་ཆེན་ཞིག་ཀྱང་ཡིན། ཕན་ཚུན་ལྡོག་ཟླ་ཡིན་པའི་མིང་བརྡ་རྣམས་བྱང་ཆུད་པར་ངེས་ཤིང་། ཚིག་གྲོགས་དང་དཔེར་བརྗོད་ཚེགས་མེད་དུ་བཟོ་ཐུབ་པ་བྱ་རྒྱུ་ནི་སྐད་ཡིག་སྦྱོང་བའི་གནད་གལ་ཆེན་ཞིག་ཡིན་ཏེ། མིང་བརྡ་གསོག་འཇོག་དང་རྩོམ་འབྲིའི་ལག་ལེན་གྱི་ཁྲོད་དུ་མིང་བརྡ་ཡང་དག་པའི་སྒོ་ནས་བེད་སྤྱོད་ཐུབ་པ་སོགས་ལ་ཕན་ཐོགས་ཆེན་པོ་ཡོད། དེའི་ཕྱིར། མིང་མཛོད་འདིར་དུས་རབས་གསར་པའི་བྱང་ཚད་སློབ་གསོའི་བླང་བྱ་དང་སློབ་གྲྭ་ཆུང་འབྲིང་གི་བོད་ཡིག་སློབ་དེབ་ཀྱི་ཚད་གཞི་ལ་གཞིགས་ནས། སློབ་གྲྭ་ཆུང་འབྲིང་གི་སློབ་མས་ངེས་པར་ཤེས་ཤིང་ངེས་དགོས་པའི་རྒྱུན་སྤྱོད་ཀྱི་ལྡོག་ཟླའི་མིང་བརྡ་མི་ཉུང་བ་ཞིག་བསྡུས་ཡོད། གོ་དོན་དང་དབྱེ་བའི་ངོས་ནས་འདིར་བསྡུས་པའི་ལྡོག་ཟླའི་མིང་ནི་ཇི་ལྟ་བུ་ཞིག་ལ་གོ་ཞེ་ན། སྒྲ་དོག་འཇུག་གི་ལྡོག་ཟླའི་མིང་ནི་སྲོལ་རྒྱུན་གྱི་ལྡོག་ཟླའི་མིང་བརྡར་ཟེར་བ་ཡིན་ཏེ། དཔེར་ན། རིང་དང་ཐུང་། མང་དང་ཉུང་ཞེས་པ་ལྟ་བུ། སྒྲ་ཡངས་འཇུག་གི་ལྡོག་ཟླའི་མིང་ནི་བལྟོས་བཅས་ཀྱིས་རྒྱབ་འགལ་དུ་ཕྱིན་པའི་མིང་ཚོམས་དང་བརྗོད་པ་ཡིན་ཏེ། དཔེར་ན། རྒྱ་ཆེ་དང་རྒྱ་ཆུང་། དགྲ་ཤ་ལེན་དང་དྲིན་ལན་འཇལ་ལྟ་བུ། འདིར་སྒྲ་དོག་འཇུག་གི་ལྡོག་ཟླའི་མིང་གཙོ་བོར་བསྡུས་ཡོད། 藏语文反义词词典 ལྡོག་ཟླའི་མིང་མཛོད། 编著:索朗确吉 བསོད་ནམས་མཆོག་སྐྱིད། 开本:32开 定价:42.00 元 ISBN 978-7-105-17146-0/G▪2225(藏 166) 民族出版社 མིང་མཛོད་འདི་སྒྲིག་སྐབས་དཔྱད་གཞིའམ་ཟུར་བལྟ་བྱེད་ས་གཙོ་བོ་ནི། སློབ་ཆུང་ལོ་རིམ་གསུམ་པ་ནས་དྲུག་པའི་བར་གྱི་བོད་ཡིག་སློབ་དེབ་དང་། སློབ་འབྲིང་ལོ་རིམ་བདུན་པ་དང་བརྒྱད་པའི་བོད་ཡིག་སློབ་དེབ་དང་། དེ་བཞིན་བོད་རྒྱ་ཚིག་མཛོད་ཆེན་མོ་དང་། དག་ཡིག་གསར་བསྒྲིགས་དང་། ཚིག་མཛོད་བརྡ་དག་ཀུན་གསལ་མེ་ལོང་དང་། སློབ་གྲྭ་ཆུང་འབྲིང་གི་སློབ་མའི་རྒྱུན་མཁོའི་མིང་མཛོད་སོགས་ཡིན། 藏语文反义词词典 ལྡོག་ཟླའི་མིང་མཛོད། 编著:索朗确吉བསོད་ནམས་མཆོག་སྐྱིད། 开本:32开 定价:42.00 元 ISBN 978-7-105-17146-0/G▪2225(藏 166) 民族出版社 མིང་མཛོད་ཆུང་ཆུང་འདིས་བོད་ཡིག་སྦྱོང་སྤྱོད་སྤེལ་གསུམ་ལ་ཕན་ཐོགས་ཤིང་། ཁྱད་པར་སློབ་མས་རང་འགུལ་གྱིས་སློབ་སྦྱོང་བྱེད་པ་དང་ཁྱིམ་སྦྱོང་ལེགས་འགྲུབ་ཡོང་བའི་གྲོགས་པོ་བཟང་བོ་དང་། ཁྱིམ་བདག་གིས་རང་གི་བྱིས་པར་ཟུར་ཁྲིད་བྱེད་པའི་རོགས་པ་ཡག་པོ་ཞིག་ཏུ་འགྱུར་རྒྱུའི་རེ་བ་ཡོད། དེ་ལྟ་ན་ཡང་སྒྲིག་པ་པོའི་རིག་གནས་ཆུ་ཚད་དམན་ལ་ཉམས་མྱོང་ཞན་པས་བརྡ་སྤྲོད་ཀྱི་འཁྲུལ་བ་དང་ཆད་ལྷག་སོགས་སྐྱོན་དུ་མ་ཡོད་ངེས་པས་རྒྱ་ཆེའི་མཁས་དབང་རྣམ་པ་དང་ཀློག་པ་པོ་རྣམས་ཀྱིས་རྩ་ཆེའི་དགོངས་འཆར་གང་མང་ཡོད་པར་མཁྱེན། རྩོམ་པ་པོའི་ངོ་སྤྲོད་མདོར་བསྡུས། 作者简介 བསོད་ནམས་མཆོག་སྐྱིད་ལགས་ནི་1981ལོར་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་སྒ་འཕུར་ཤང་མཐའ་ཡས་གྲོང་ཚོར་སྐྱེས་ཤིང་། 2003ལོར་བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་ནས་མཐར་ཕྱིན་རྗེས་ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭར་བོད་ཡིག་སློབ་ཁྲིད་ཀྱི་ལས་སུ་ཞུགས། སྔ་རྗེས་སུ་བོད་ལྗོངས་སློབ་གསོ་དང་། སྤང་རྒྱན་མེ་ཏོག་དང་། རྩེར་སྙེག་སོགས་དུས་དེབ་ཏུ་བོད་ཀྱི་དམངས་ཁྲོད་རྩོམ་རིག་དང་། སློབ་གསོ་སློབ་ཁྲིད། རྒྱ་བོད་ཡིག་སྒྱུར་སོགས་དང་འབྲེལ་བའི་དཔྱད་རྩོམ་ཉི་ཤུ་ལྷག་ཙམ་སྤེལ་བ་དང་། ཁོར་ཡུག་སྲུང་སྐྱོབ་ཀྱི་ཤེས་བྱའི་ཟེགས་མ་དང་བེ་ཤྭ་འདེབས་གསོ་དང་ཕན་ནུས་ཀྱི་ལག་དེབ། གཞོན་ནུ་ལོ་ཆུང་ཚོས་བལྟ་འདོད་པའི་ལུས་ཁམས་རིག་པའི་ཤེས་བྱ་སོགས་སྒྱུར་རྩོམ་དེབ་དྲུག་དཔེ་སྐྲུན་བྱས། དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭའི་བོད་ཡིག་བསླབ་ཚན་གྱི་འཛུགས་སྐྲུན་རྣམ་གྲངས་ལས་བོད་ཀྱི་དུས་རབས་རིམ་བྱུང་གི་རྩོམ་རིག་བརྩམས་ཆོས་གཅེས་བསྡུས་ཀྱི་གཙོ་སྒྲིག་པ་གཞོན་པའི་འགན་ཁུར་མྱོང་།
索朗确吉,西藏日喀则人,1981年生。2003年西藏大学文学院毕业后,在拉萨师范高等专科学校从事藏语文教学工作。曾担任拉萨师范高等专科学校藏语文学科建设项目《藏族历代文选》的副主编。先后在《西藏教育》《邦锦梅朵》《攀登》等刊物上发表有关藏族民间文学、教育教学、汉藏翻译等方面的论文二十余篇,翻译出版《环保手册》《松茸种植技术及功效手册》《少年趣味生理学》等六本书。 在线购买 文字来源:《藏语文反义词词典》 图片整理: 信息中心